2021年9月2日 星期四

མ་བསྐུས་ཟླ་མདངས་སོ་མའི་མཚན་དཔེའི་ཞལ།།


མ་བསྐུས་ཟླ་མདངས་སོ་མའི་མཚན་དཔེའི་ཞལ།།
མ་སྨད་མཛེས་སྐུའི་ཡོན་ཏན་བསམ་ཡས་འདས།།
མ་ལུས་འགྲོ་བ་སྒྲོལ་བའི་འཕགས་མའི་ཚོགས།།
མ་ལྟར་གདུང་བས་འབོད་དོ་བརྩེ་བས་དགོངས།།

བསྐྱེད་པ་འཇའ་སྤྲིན་ཟེར་གྱི་དར་ཐག་ལ།།
སྣང་སྟོང་རྡོ་རྗེའི་གར་ལ་རྩེན་པ་ཡི།།
བདེ་ཆེན་འབར་བ་ཆེན་པོའི་ཌཱ་ཀིའི་ཚོགས།།
རྨད་བྱུང་ཚོགས་ཀྱི་འཁོར་ལོར་སྤྱན་འདྲེན་གཤེགས།།

དབང་མདོག་མཆུ་སྒྲོས་འཛུམ་པའི་དཔེ་བྱད་དང་།།
འཇམ་གཉེན་སོར་མོའི་འཕྲུལ་གྱི་ཕྱག་རྒྱ་གར།།
དར་གྱི་རྒྱན་གོས་འཕུར་བའི་འཇའ་གུར་བཅས།།
མཁའ་འགྲོ་དགྱེས་པའི་བྱིན་རླབས་ཐོབ་པར་ཤོག།

ཤེས་རབ་སྟོང་པའི་རང་བཞིན་དཔའ་མོའི་སྐུ།།
ཐབས་མཆོག་བདེ་ཆེན་འབར་བ་ཧེ་རུ་ཀར།།
གཉིས་མེད་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས།།
ཞིང་དང་གནས་ཉུལ་མཁའ་འགྲོའི་ཚོགས་རྣམས་འདུད།།

མར་ངོ་མཁའ་འགྲོའི་དུས་བཟང་ཉེར་ལྔ་ལ་རྒྱ་ཀོང་རིག་འཛིན་མཐར་ཕྱིན་གྱི་སྤུར་རྩལ་འདི་དགེ་་བ་ལ་དམིགས་ནས་ཕུལ།










沒有留言:

張貼留言

《入雄心菩薩行論》第五品 護正知 不關門的布施

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། 《入雄心菩薩行論》 第五品 護正知 持明仁增塔欽仁波切新譯闡述 འཇིགས་དང་དགའ་སྟོན་སོགས་འབྲེལ་བར།། 怖畏喜慶相連時 ...